25 October 2021

གཞལམ་སྒང་རྫོང་ཁག་ཚོགས་འདུ་རྩ་གྲོལ།

༉ གཞལམ་སྒང་རྫོང་ཁག་གི་ ས་གནས་གཞུང་གཉིས་པའི་ རྫོང་ཁག་ཚོགས་འདུ་ཚོགས་ཐེངས་དང་པ་དེ་ སྤྱི་ཚེས་༢༦/༡༠/༢༠༡༦ ལུ་འཚོགས་ཡོད་ཉིནམ་ལས་འགོ་བཙུགས་ ས་གནས་གཞུང་གི་བཅའ་ཁྲིམས་༢༠༠༩ ཅན་དགོངས་དོན་ལྟར་ གཞལམ་སྒང་རྫོང་ཁག་གི་ ས་གནས་གཞུང་གཉིས་པའི་རྫོང་ཁག་ཚོགས་འདུའི་ གནས་ཡུན་ལོ་༥ ཚངམ་ལས་བརྟེན་ ད་རེས་སྤྱི་ཚེས་༢༥/༡༠/༢༠༢༡ ལས་ རྩ་གྲོལ་བཏང་ཡོད་ཨིན།

དེའི་སྐབས་ རྫོང་ཁག་བདག་སྐྱོང་གི་ཁ་ཐུག་ལས་ རྫོང་ཁག་ཚོགས་འདུའི་འཐུས་མི་ཚུ་ ལོ་ངོ་༥ འི་རིང་ ཤ་ཚ་བའི་སྒོ་ལས་ལྕོགས་གྲུབ་འགན་འཁྲི་དྭངས་གསལ་ཅན་གཙོ་བོར་བཟུང་སྟེ་ རྩ་བ་གསུམ་ལུ་དད་དམ་འགྱུར་བ་མེད་པར་ རང་མོས་རྣམ་དག་གི་སྒོ་ལས་ ཕྱག་ཕྱིད་ཞུས་ཡོད་མི་ལུ་ ཁ་འབྲལ་ལེགས་སྨོན་ཀྱི་ཚོགས་དང་ལམ་ཤུལ་ ངལ་རངས་དགའ་ཚོར་དང་བཅས་པའི་སྒོ་ལས་བཀྲི་ཤིས་བདེ་ལེགས་ཕུལ་ཡོད།

དུས་ཅི་ ནད་ཡམས་ཀྱི་སྒྲིག་གཞི་ལས་བརྟེན་ འཐུས་མི་ཚུ་ག་ར་ གཅིག་ཁར་འཛོམས་མ་ཚུགས་རུང་ ཉན་ཁ་ཆུང་བའི་ས་ཁོངས་ནང་ཡོད་མི་ཚུ་ རྫོང་ཁག་ཚོགས་འདུའི་ཁང་ནང་འཛོམས་ཡོདཔ་དང་ ཉེན་ཁ་ཆེ་བའི་ས་ཁོངས་ནང་ཡོད་མི་ཚུ་ དྲུང་ཁག་བདག་སྐྱོང་ནང་འཛོམས་ཏེ་ དངོས་འཐོང་སྦེ་བཅའ་མར་གཏོགས་ཏེ་ ཚོགས་འདུའི་འཐུས་མི་དང་ དྲགོས་རྫོང་བདག་ དྲུང་པ་ སྡེ་ཚན་དང་ལུང་ཕྱོགས་འགོ་དཔོན་ཚུ་གི་བར་ན་ བཀྲིན་དགའ་འཚོར་དང་ལེགས་སྨོན་ཚུ་ཞུ་ཏེ་ མཇུག་བསྡུ་ཡོདཔ་ཨིན།